嗡嘛呢叭彌吽

 


སྨོན་སྒྲུང་གསར་པ། རྒྱ་ཀོང་རིག་འཛིན་མཐར་ཕྱིན།《世界吉祥祈請文》

《世界吉祥祈請文》སྨོན་སྒྲུང་གསར་པ། རྒྱ་ཀོང་རིག་འཛིན་མཐར་ཕྱིན།



ཚིགས་རྒྱ་ཀོང་རིག་འཛིན་མཐར་ཕྱིན།  詞 持明仁增塔欽



ལེན་མཁན་ཚངས་དབྱངས་ལང་ཚོ།  唱 倉央龍措



ལྕགས་བྱི་ལོའི་ཆུ་ཡོས་ཟླ་བའི་ཡར་ཚེས་བཅུ་གསུམ་མེ་རླུང་འཕྲོད་པའི་ཉིན་འདི་བདག་བིདྱཱདྷརཱནྟཀའི་སྐྱེས་སྐར་ལ་ཁེལ་བས་འཛམ་གླིང་བདེ་བའི་སྨོན་ལམ་འདི་བཏབ་པའོ།།



佈雅達然達嘎於藏曆鐵鼠年水兔十二月火風十三日2021年1月26日壽誕速寫、速譯、速唱《世界吉祥祈請文》



འཇིག་རྟེན་བདེ་བའི་སྨོན་སྒྲུང་། བོད་ཀྱི་སྒྲུང་པ་སྐད་གྲགས་ཅན་པདྨ་ཡེ་ཤེས་ཀྱིས་མགུར།



འདི་ན་མནན།  སྨོན་སྒྲུང་གསར་པ། རྒྱ་ཀོང་རིག་འཛིན་མཐར་ཕྱིན།



Wechat公眾號:



https://mp.weixin.qq.com/s/OmTO1V6umyg7zGws3x7z0g



https://mp.weixin.qq.com/s/-2OgdtrtCPm6i5xiracueg



Youtube:



https://youtu.be/8UWwHHJ5nbE?si=XblmzHgn5u9Pmgt4



https://youtu.be/jyALMqr-MOM?si=K5aGqML2Jupv8vlo



 



སྨོན་སྒྲུང་གསར་པ། རྒྱ་ཀོང་རིག་འཛིན་མཐར་ཕྱིན།



སྤྱིར་བོད་ཀྱི་གེ་སར་ལྷ་སྒྲུང་རིང་མོ་ལ་ཤོ་ལོ་ཀ་ཁྲི་བརྒྱ་ལྷག་དང་། ཡིག་འབྲུ་ཁྲི་གཉིས་སྟོང་ལྷག་ལས་བརྒལ་བཞིན་ཡོད་པའི་སྙན་ངག་རིང་མོའི་ཚད་ལ་གྲགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟུགས་འདས་རིག་པ་ལ་ངོས་འཛིན་བྱས་པའི་གེ་སར་གྱི་སྒྲུང་ཡིག་ལས་སྒྲུང་པ་སྐད་གྲགས་ཅན་ཁམས་རྫོགས་ཆེན་པདྨ་ཡེ་ཤེས་ཁོང་གི་སྐུ་ཚེ་ཧྲིལ་བོར་སྙན་མོའི་དབྱངས་ཀྱིས་གེ་སར་དབྱངས་སྒྲུང་སྒྱུ་རྩལ་དར་སྤེལ་མཛད་ཡོད། ལྗོངས་ཕྱི་ནང་ལ་གྲགས་པའི་སྒྲུང་པ་ཡིན། བརྒྱུད་འཛིན་པ་སྒྲུང་པ་ཚང་གི་སྒྲུང་མཁན་དང་། ས་ཆ་མང་པོའི་སྒྲུང་པ་མོད། ཐེའེ་ཝེན་གཞས་མ་ཚངས་དབྱངས་ལང་ཚོ་ཡང་ཁོང་གི་སྒྲུང་ངག་ལ་སློབ་བཞིན་པའི་བརྒྱུད་འཛིན་པ་ཡིན། ད་ལན་ཁོང་དགུང་གྲངས་དོན་ལྔ་ལ་ཕེབས་ཀྱང་། རྒྱ་ཀོང་རིག་མཐར་ཕྱིན་གྱི་འཛམ་གླིང་ནད་ངན་ཞི་བའི་སྨོན་ལམ་མཛད་པ་འདི་སྒྲུང་ངག་དབྱངས་ཀྱི་སྒྱུ་རྩལ་དང་ཉམས་ཀྱིས་སྤུད་པའི་རྣམ་འགྱུར་བཅས་ཁྱེད་ཀྱི་སྤྱན་ལམ་ལ་འབུལ་ཡོད། ཚང་མར་ཐུགས་དགྱེས་པར་སྨོན།



 



གླུ་ཨ་ལ་ཨ་ལ་ཨ་་་ལ་རེད།།



阿喇阿喇阿音響



ཐ་ལ་གླུ་ཡི་ལེན་ལུགས་རེད།།



塔喇乃為妙音律



སྤྱི་བོ་བདེ་ཆེན་རོལ་བའི་རྩེར།།



頂間樂戲化壇城



གུ་དྲག་ཕུར་བ་དབྱེར་མེད་བཞུགས།།



忿怒蓮師普巴融



ནད་གདོན་སྡིག་སྒྲིབ་ཞི་བར་མཛོད།།



疫病業障悉淨化



ཚེ་ཆོས་མཐའ་རུ་ཕྱིན་པར་ཤོག།།



如理如法壽圓滿



མགྲིན་མཚོ་ལོངས་སྤྱོད་འཕྱུར་བ་རུ།།



喉間享滿海湧中



འཕགས་མ་ཏ་རེའི་ལྷ་ཚོགས་བཞུགས།།



尊者度母壇城住



ནད་གདོན་སྡིག་སྒྲིབ་ཞི་བར་མཛོད།།



疫病業障悉淨化



ཚེ་ཆོས་མཐའ་རུ་ཕྱིན་པར་ཤོག།།



如理如法壽圓滿



སྙིང་དབུས་དད་པའི་དགའ་ཚལ་ལ།



心間信豐花苑中



རྩ་བརྒྱུད་རིག་འཛིན་བླ་མ་བཞུགས།།



持明傳承上師住



ནད་གདོན་སྡིག་སྒྲིབ་ཞི་བར་མཛོད།།



疫病業障悉淨化



ཚེ་ཆོས་མཐའ་རུ་ཕྱིན་པར་ཤོག།།



如理如法壽圓滿



ས་འདི་ས་ངོ་མ་ཤེས་ན།།



此處勝名若不知



ལྷོ་འཛམ་གླིང་མཛེས་ཏོག་བོད་ཀྱི་ཡུལ།།



贍部洲頂雪域界



ཆོས་མདོ་སྔགས་བསྟན་པ་དར་ས་རེད།།



顯密俱全廣展域



མི་ང་འདྲ་ང་ངོ་མ་ཤེས་ན།།



吾為何名若不知



གཟུགས་ལང་ཚོའི་ཟླ་བ་བཞིན་ལ་རྫོགས།།



相貌莊嚴似月華



དཔའ་སྙིང་སྟོབས་སྙིང་རྗེར་འབྱམས་པ་ཡི།།



雄心普照慈悲者



མྱི་ཡ་མེད་སེང་སྟག་ཨ་དོམ་ཟེར།།



劍強申導阿當響



དེ་ནས་ཉོན་དང་འཛམ་གླིང་མི།།



諦聽南贍部洲人



ལས་ཀྱིས་རྒྱུ་བའི་སྲོག་ལྡན་ཁྱུ།།



業力所顯有情眾



མ་ཡེངས་སྟོན་པའི་དམ་ཆོས་ཉོན།།



莫散諦聽能仁法



ཤེར་རབ་སྙིང་རྗེའི་ལམ་མཆོག་ཡིན།།



此即智悲至勝道



མཚོ་སྐྱེས་རྒྱལ་བ་གཉིས་པ་ཡི།།



海生蓮師仲佛之



ཟམ་མོའི་གཏེར་ཆོས་ཉམས་སུ་བླང་།།



深廣伏藏善修持



དུས་ངན་མུན་པ་འདི་ཡིས་སེལ།།



濁世黑暗此能淨



ནད་ངན་ལས་ངན་དབྱིངས་སུ་ཡལ།།



疫情惡業法界消



བརྒྱུད་གསུམ་བྱིན་འཆང་བླ་མ་ཡི།།



三傳持握上師之



གདམས་ཟབ་མན་ངག་བསྒོམ་པས་མྱོང་།།



訣竅究法禪坐享



རེ་དོག་ཕྲ་རགས་འཁོར་བའི་རྒྱུ།།



粗細執著輪迴因



སེམས་ཀྱི་ཆོ་འཁྲུལ་གཤིས་ལ་དྭངས།།



心顯遊戲本性淨



ད་དུང་ཉོན་དང་གཏམ་བཟང་ཡོད།།



今且諦聽善語說



ཆོས་ཀྱི་ཉིང་བཅུད་ཡིད་ཀྱི་སྨན།།



正法精髓意之要



ལས་དང་རྒྱུ་འབྲས་ཤེས་ནས་ལས།།



因果業力明晰行



སྟོང་དང་རྟེན་འབྱུང་ཡིད་ཆེས་བརྟན།།



性空緣起信穩觀



མེད་སྣང་འཁོར་བ་མ་ཡལ་སྔོན།།



幻顯輪迴永盡前



བཟང་ངན་ལས་ཀྱི་འགྲོ་བ་ལ།།



善緣惡緣諸有情



སྙིང་རྗེའི་སེམས་དང་བཟོད་སྒོམ་སེམས།།



對其慈悲忍辱心



ཤེས་བཞིན་སྤྲོ་བཞིན་ཉམས་ལེན་མཛོད།།



了然明知歡喜行



སྙིང་བརྩེ་བཟོད་སྒོམ་ཡལ་བྱུང་ན།།



慈悲忍辱若消逝



མི་རྟག་འཆི་བ་དྲན་བཞིན་དུ།།



憶及無常思惟下



གཞན་ཕན་ལས་ལ་ནན་གྱིས་ཞུགས།།



利他事業盡心持



བླ་མའི་མན་ངག་སྒོམ་གྱིས་བསྐྱང་།།



竅訣以禪護且增



མཇུག་མཐའ་མཆོག་གསུམ་བདེན་པ་དང་།།



最終三寶真理與



ལྷ་དང་ཆོས་སྐྱོང་སྲུང་མ་དང་།།



本尊護法之加持



རིགས་གསུམ་འདུས་ཞལ་སེང་ཆེན་རྗེ།།



三怙總顯格薩王



དཔའ་རྟུལ་དྭངས་སྨན་རྒྱ་མཚོ་ཡི།།



文武將相妃海眾



རབ་དཀར་སྨོན་ལམ་བཟང་པོའི་དཔལ།།



吉祥圓滿諸祈願



འཛམ་གླིང་འདི་ལ་ཁྱབ་པར་ཤོག།།



願力遍照全世界



ནད་ངན་ལས་ངན་ཞི་བར་ཤོག།།



肺炎疫病全然淨



འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།།



輪迴眾苦速疾消



ཀུན་ཀྱང་མདོ་ཡི་ཆོས་ལ་སྤྱོད།།



眾人顯法意究學



སྔགས་རྒྱུད་ཆོས་ལ་དག་སྣང་ཟབ།།



密續淨心甚深修



མན་ངག་ཡིད་དཔྱོད་བྲལ་བས་མྱོང་།།



訣竅意究遠離禪



བསྟན་པ་ཡུན་རིང་གནས་གྱུར་ཅིག།



佛教增廣恆長住



འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཤོག།།



願獲虹光金剛身



སྙིང་རྗེའི་ཕྲིན་ལས་འཇུག་པར་ཤོག།།



慈悲事業遍法界



ལྕགས་བྱི་ལོའི་ཆུ་ཡོས་ཟླ་བའི་ཡར་ཚེས་བཅུ་གསུམ་མེ་རླུང་འཕྲོད་པའི་ཉིན་འདི་བདག་བིདྱཱདྷརཱནྟཀའི་སྐྱེས་སྐར་ལ་ཁེལ་བས་འཛམ་གླིང་བདེ་བའི་སྨོན་ལམ་འདི་བཏབ་པའོ།།



佈雅達然達嘎於藏曆鐵鼠年水兔十二月火風十三日2021年1月26日壽誕速寫、速譯、速唱《世界吉祥祈請文》


回法開示回仁波切專區